ཟླ7པའི་ཚེས3ཉིན། ཨེ་ཅིབ་ཀྱི་ཁེ་རོ་ནས་བསྡུས་པའི་ནེ་ཀི་གསར་བས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ནེ་ཀི་གསར་བའི་ཁོངས་མི་དང་མཉམ་དུ་པར་བླངས།
ཨེ་ཅིབ་དཔོན་ཕྱོགས་རྙན་འཕྲིན་ཁང་ནེ་ལོ་གཙང་བོའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། མཱ་ཏི་པུའུ་ལེ་ཡིས་ཙུང་ལིའི་འགན་ཁུར་བའི་ཨེ་ཅིབ་ཀྱི་ནེ་ཀི་གསར་བས་ཚེས3ཉིན་རྒྱལ་ས་ཁེ་རོ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
བསྒྲགས་པ་ལྟར་ན། ཉིན་དེར་སྤེལ་བའི་ལས་འགན་ཁུར་བའི་མཛད་སྒོའི་ཁྲོད། 2018ལོའི་ཚུན་ལ་རྒྱུན་པར་ཙུང་ལིའི་འགན་ཁུར་བའི་མཱ་ཏི་པུའུ་ལེ་ཡིས་ནེ་ཀིའི་ཁོངས་མི་གསར་བ30སྣེ་ཁྲིད་དེ་ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་ནས་ཙུང་ཐུང་སེ་ཞི་ལ་དམ་བཅའ་བཞག
སྲིད་གཞུང་གསར་བའི་བཅོས་བསྒྱུར་དེ་ཕྱི་འབྲེལ་དང་ནོར་སྲིད། མཁོ་འདོན་དང་རྒྱལ་ནང་ཉོ་ཚོང་། རྡོ་སྣུམ། གློག་ཤུགས། གནས་སྐོར་སོགས་སྡེ་ཁག་ལ་འབྲེལ་ཡོད་པ་དང་། སྡེ་ཁག་གི་ཁ་གྲངས་དེ་སྔོན་ཆད་ཀྱི33དེ30བཅོས་སྒྲིག་བྱས་ཡོད། ནེ་ཀི་གསར་བའི་ནང་། ཨེ་ཧ་མེད་ཏི་ཁུའུ་ཧྲུའུ་ཁི་ཡིས་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་བ་དང་། སྡོད་དམངས་དང་ཕྱི་སྡོད་རང་མིའི་ལས་དོན་རྒྱལ་སྲིད་པུའུ་དེ་ཕྱི་འབྲེལ་པུའུ་ཡི་ཁོངས་གཏོགས་སུ་བསྒྱུར་ཏེ། པཱ་ཏི་ཨར་ཨ་པུའུ་ཏུའུ་ལེ་ཡིས་པུའུ་ཀྲང་འགན་ཁུར་བར་མིང་འདོན་བྱས་ཡོད། ཞེ་ལི་ཧྥུའུ་ཧྥ་ལུའུ་ཁི་ཡིས་མཁོ་འདོན་དང་རྒྱལ་ནང་ཉོ་ཚོང་པུའུ་ཀྲང་གི་འགན་ཁུར་བ་དང་། ཁཱ་ལི་མུའུ་པཱ་ཏཱ་ཝེ་ཡིས་རྡོ་སྣུམ་དང་གཏེར་ཁའི་ཐོན་ཁུངས་ཀྱི་པུའུ་ཀྲང་གི་འགན་ཁུར། མཱ་ཧཱ་མའོ་ཏི་དབྱེ་སི་མཱ་ཐི་ཡིས་གློག་ཤུགས་དང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་པུའུ་ཀྲང་གི་འགན་ཁུར་ཡོད།
ཟླ6པའི་ཚེས3ཉིན། སེ་ཞི་ཡིས་ཙུང་ལི་མཱ་ཏི་ལེ་པུའུ་ཡིས་སྤྲད་པའི་ནེ་ཀིའི་ལས་བསྐྱུར་སྙན་ཞུ་དང་ལེན་བྱས་པ་དང་། དེའི་ཞོར་དུ་མཱ་ཏི་པུའུ་ལེ་ཡིས་ནེ་ཀི་གསར་བ་རྩ་འཛུགས་བྱེད་དགོས་པའི་མངག་བཅོལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།