ཀྲུང་གོ་ཕྱོགས་ཀྱིས་ཀུ་ལིན་ན་ཏཱ་རུ་རྒྱ་མཚོའི་རླུང་འཚུབ་དྲག་པོས་གནོད་འཚེ་ཐེབས་པར་དངོས་རྫས་ཞལ་འདེབས་སུ་ཕུལ།
2024.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཧྲིན་ཆའོ་ཀྲི་རུ་སྤེལ་བའི་གནས་ཚུལ་ལྟར་ན། ཀུ་ལིན་ནཱ་ཏ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝེ་ཧུང་ཐེན་གྱིས་ཚེས3ཉིན་ཀུ་ལིན་ནཱ་ཏའི་སྲིད་གཞུང་ལ་ཀུ་ལིན་ནཱ་ཏ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་། ཀུ་ལིན་ནཱ་ཏ་རུ་ཡོད་པའི་ཀྲུང་གོའི་མ་འཇོག་ཀུང་སི། ཀྲུང་ཧྭ་མཉམ་འབྲེལ་ཚོགས་པ། ཁུང་ཙི་སློབ་གླིང་སོགས་ཀྱིས་མཉམ་དུ་ཞལ་འདེབས་ཕུལ་བའི་དངོས་རྫས་ཁག་གཅིག་བརྒྱུད་སྤྲོད་བྱས་ཏེ། རྒྱལ་ཁབ་དེ་ལ་རྒྱ་མཚོའི་རླུང་འཚུབ་དྲག་པོས་གནོད་འཚེ་ཐེབས་པར་རོགས་རམ་བྱས།

ཉིན་དེའི་སྔ་དྲོར། ཝེ་ཧུང་ཐེན་གྱིས་ཀུ་ལིན་ནཱ་ཏའི་རྒྱལ་ས་ཧྲིན་ཆའོ་ཀྲི་ནས་ཀུ་ལིན་ནཱ་ཏའི་རྒྱལ་ཁབ་གནོད་འགོག་ཧྲུའུ་ཡི་འགོ་གཙོ་ཐི་ལུང་སི·ཨའོ་ཨར་ཐི་སི་ལ་རྒུད་སྐྱོབ་རོགས་སྐྱོར་དངོས་རྫས་བརྒྱུད་སྤྲོད་བྱས།

ཝེ་ཧུང་ཐེན་གྱིས་ཀུ་ལིན་ནཱ་ཏར་རྒྱ་མཚོའི་རླུང་འཚུབ་དྲག་པོ“པེ་ལིས་ཨར”གྱིས་འཇབ་རྒོལ་ཐེབས་རྗེས་གྱོང་གུན་ཚབས་ཆེན་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གང་མགྱོགས་སྒོས་ཟ་རྒྱུ་དང་། འཐུང་ཆུ། འཕྲོད་བསྟེན་མཁོ་ཆས་སོགས་འཕྲལ་མཁོའི་དངོས་རྫས་གྲབས་གསོག་དང་ཉོ་སྒྲུབ་བྱས་ཏེ། ཀུ་ལིན་ནཱ་ཏ་ཕྱོགས་ཀྱིས་རྒུད་སྐྱོབ་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས་པ་ཡིན། རྒུད་སྐྱོབ་དངོས་རྫས་དེ་དག་གིས་ཀྲུང་གོ་ཕྱོགས་ཀྱིས་ཀུ་ལིན་ནཱ་ཏའི་མི་དམངས་ལ་གྲོགས་པོའི་བརྩེ་སེམས་བཅངས་ཡོད་པ་མཚོན་པ་དང་། ཕན་ཚུན་རོགས་རམ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་མངོན་པར་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་གསོན་ཉམས་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད་པར་བསྟན།

ཨའོ་ཨར་ཐི་སི་ཡིས་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེ་བའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོས་དུས་རྟག་ཏུ་ཀུ་ལིན་ནཱ་ཏ་དཀའ་ངལ་ལ་འཕྲད་སྐབས་རོགས་སྐྱོར་བྱེད་བཞིན་ཡོད། དེའི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བརྩེ་བ་ཟབ་མོ་གང་ལེགས་ཀྱིས་མཚོན་པར་བྱས་ཡོད། ཞལ་འདེབས་ཕུལ་བའི་དངོས་རྫས་དེ་དག་གནོད་འཚེ་ཚབས་ཆེན་ཐེབས་མཁན་གྱི་མང་ཚོགས་ཀྱི་ལག་ཏུ་སྤྲོད་རྒྱུ་ཡིན་པས། ཀུ་ལིན་ནཱ་ཏ་ཕྱོགས་ཀྱིས་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་ཁྱབ་ཁོངས་སུ་ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད་ཚུལ་བསྟན།

ས་གནས་དེ་གའི་སྨྱན་བྱད་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་རླུང་འཚུབ་ཐོག་མ“པེ་ལིས་ཨར”ས་གནས་དེ་གའི་དུས་ཚོད་ཟླ7ཚེས1ཉིན་ཀུ་ལིན་ནཱ་ཏ་རུ་གཡུགས་པ་དང་། མིག་སྔར་ཉུང་མཐར་ཡང་མི3རྐྱེན་ལམ་དུ་ཤོར་བ་དང་། ས་དེ་གའི་གནམ་ཐང་དང་གྲུ་ཁ་སོགས་ཀྱི་འཛུགས་སྐྲུན་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཞིང་། གློག་ཤུགས་དང་འཕྲིན་གཏོང་ཆད་ཡོད་པ་རེད་ཟེར།

ཚེ་རིང་སྒྲོལ་མས་བསྒྱུར།