ཨོ་ཡུན་ཨིར་ཏིན་གྱིས་བསྟུད་མར་མོང་གོལ་རྒྱལ་ཁབ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར།
2024.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས5ཉིན་ཚང་འཛོམས་ཚོགས་ཆེན་བསྡུས་ཏེ། འདེམ་ཤོག་མང་ཆེ་བ་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་ཨོ་ཡུན་ཨིར་ཏིན་གྱིས་བསྟུད་མར་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བར་ཆོག་མཆན་བཀོད།

ཉིན་དེར། མོང་གོལ་གྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ཡིས་མོང་གོལ་མི་དམངས་ཏང་གིས་མིང་བཏོན་པ་ལྟར་རྒྱལ་ཁབ་གྲོས་ཁང་ལ་ཨོ་ཡུན་ཨིར་ཏིན་གྱི་ལོ་རྒྱུས་སྤྲད་པ་དང་ཨོ་ཡུན་ཨིར་ཏིན་མཚམས་སྦྱོར་བྱས། རྒྱལ་ཁབ་གྲོས་ཁང་གི་ཨུ་ཡོན་གྱིས་ལས་རིམ་ལྟར་དུ་མིང་འདོན་བྱས་པའི་མི་ལ་དྲི་བ་དྲིས་པར་མ་ཟད་རེ་བ་བཏོན། ཨོ་ཡུན་ཨིར་ཏིན་གྱིས་ཨུ་ཡོན་ཚོའི་དྲི་བ་རེ་རེར་ལན་བཏབ།

རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ཨ་མཱ་ཨར་པཱ་དབྱེ་སི་ཀི་ལིན་གྱིས་བསྐོ་འཇོག་ཆོད་དོན་སྒྲོག་འདོན་བྱས་རྗེས། ཨོ་ཡུན་ཨིར་ཏིན་གྱིས་གཏམ་བཤད་སྤེལ་ནས། སྐབས་གསར་བའི་སྲིད་གཞུང་གི་སྲིད་སྐྱོང་འདུ་ཤེས་དང་སྲུང་བྱའི་རྩ་དོན་ཞིབ་ཏུ་རྒྱས་བཤད་བྱས།

མོང་གོལ་རྒྱལ་ཁབ་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ6པའི་ཚེས28ཉིན་སྤེལ་བ་དང་། སྲིད་འཛིན་པའི་མོང་གོལ་མི་དམངས་ཏང་ལ་ལས་གནས་མང་ཆེ་བ་ཐོབ། མོང་གོལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་ན། མོང་གོལ་མི་དམངས་ཏང་གིས་ཙུང་ལིའི་འདེམ་སྒུག་མི་སྣ་མིང་འདོན་བྱེད་དགོས་པ་རེད།

ཨོ་ཡུན་ཨིར་ཏིན་ནི1980ལོར་སྐྱེས་པ་དང་། མིག་སྔར་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞིའི་འགན་ཁུར་ཡོད། ཁོ་རང2016ལོ་དང2020ལོ། 2024ལོ་བཅས་ལ་བསྟུད་མར་ལོ་གསུམ་ལ་རྒྱལ་ཁབ་གྲོས་ཁང་གི་ཨུ་ཡོན་དུ་བདམས་པ་དང་། 2019ལོར་མོང་གོལ་རྒྱལ་ཁབ་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྱི་འགན་ཁུར་བ་ཡིན་ལ། 2021ལོའི་ཟླ་དང་པོ་ནས་བཟུང་མོང་གོལ་གྱི་ཙུང་ལིའི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།