རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐཱ་ནཱའི་མཐོ་རིམ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དེས་ཤུགས་ཡོད་སྒོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དང་དར་རྒྱས་སུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་དྲང་ཕྱོགས་ནུས་ཚད་སྔར་ལས་མང་བོ་འདོན་སྤྲོད་བྱེད་ཐུབ་ངེས་ཡིན་ཟེར།
རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུང་གོ་ནི་རྩ་འཛུགས་དེ་ཐོག་མར་འཛུགས་མཁན་གྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ནམ་རྒྱུན་ཧྲང་ཧེ་མཉམ་ལས་རྩ་འཛུགས་གཏན་འཇགས་ངང་ཡུན་རིང་འཕེལ་རྒྱས་འབྱུང་བའི་ཆེད་དུ་ཐབས་ཇུས་བཏོན་ནས་སྣེ་ཁྲིད་འགུལ་སྐྱོད་སྤེལ་བཞིན་ཡོད། ཧྲང་ཧེའི་སྙིང་སྟོབས་ལ་སྔར་ལས་མང་བའི་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ཡོད་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ལྡན་པའི་མཉམ་ལས་སྟེགས་བུ་ཞིག་ཏུ་འགྱུར་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།