གསར་འགོད་པས་ཚེས་བདུན་ཉིན་རྒྱལ་སྲུང་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ཧྲིལ་བོའི་འཆར་གཞི་དང་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཐུན་མོང་ལྟ་ཚུལ་ལྟར། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཟླ7པའི་ཟླ་དཀྱིལ་དུ་ཨུ་རུ་སི་དཀར་པོའི་པུའུ་ལེ་སི་ཐི་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཁོངས་སུ2024ལོའི་གླག་རྒོད་ཐོལ་རྒོལ་ཞེས་པའི་སྐམ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེར་དམག་སྣ་མང་བོ་མཉམ་དུ་བསྲེས་ནས་མཉམ་དུ་སྦྱོང་བརྡར་བྱེད་པའི་རྣམ་པ་སྤྱོད་རྒྱུ་ཡིན་ཞིང་། མཉམ་དུ་མི་གཏའ་མྱུར་སྐྱོབ་དང་མཉམ་འབྲེལ་གྱིས་འཇིགས་སྐུལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སོགས་ཀྱི་ནང་དོན་རྣམ་གྲངས་སྦྱོང་བརྡར་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གི་སྦྱོང་བརྡར་ཆུ་ཚད་དང་རོགས་ལས་ནུས་པ་མཐོར་འདེགས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་སྐམ་དམག་གི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་ཆེད་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།