ཝུ་ར་ཀུའེ་རྒྱལ་ཁབ་མེ་གསོད་ཅུའུ་ཡིས་ཚེས7ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་རྒན་གསོ་ཁང་ཞིག་དུ་ཉིན་དེར་མེ་སྐྱོན་བྱུང་ནས། མི10རྐྱེན་ལམ་དུ་ཤོར་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཝུ་ར་ཀུའེ་ཤར་ཕྱོགས་ཀྱི་མི་སོ་གསུམ་མཁར་གྱི་རྒན་གསོ་ཁང་ཞིག་ཏུ་ཉིན་དེའི་དུས་ཚོད6ཡས་མས་སུ་མེ་སྐྱོན་བྱུང་སྟེ། མི10རྐྱེན་ལམ་དུ་ཤོརབ་དང་། འདས་པོའི་གྲས་སུ་བུད་མེད8དང་སྐྱེས་པ2འདུས། དེའི་ནང་མི7དུད་སྡུག་གིས་ཤི་བ་དང་། གཞན་ཡང་མི3སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད། དབང་འཛིན་ལས་ཁུངས་ཀྱིས་རྟོག་ཞིབ་ཚན་ཆུང་མངག་ནས་ཡུལ་དངོས་སུ་རྟོག་ཞིབ་བྱེད་བཞིན་ཡོད།
མི་སོ་གསུམ་མཁར་ནི་ཝུ་ར་ཀུའེ་ཡི་མི་སོ་གསུམ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པ་དང་། རྒྱལ་ས་མིན་ཏི་ཝེ་ཏི་ཡཱའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ288མཚམས་སུ་གནས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།