དབྱི་ལིང་གི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་གིས་དབྱི་ལིང་གིས་ཉམས་སད་ཆེན་པོ་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུའི་ཚུལ་བསྟན།
2024.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལཏྲ་ན། དབྱི་ལིང་གི་གསར་དུ་བདམས་པའི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་གིས་ཚེས་དྲུག་ཉིན་རྒྱལ་ས་ཏི་ཧེ་ལན་ནས་བསྟན་དོན། རྒྱལ་ཁབ་དེས་གནད་འགག་གི་འགྲན་རྩོད་དང་ཉམས་ཉེན་ཐག་གཅོད་བྱེད་པར་རོགས་རམ་བྱེད་པ་ནི་མ་འོངས་པའི་ཉམས་སད་ཆེན་པོ་ཞིག་ཡིན་ཟེར།

ཕའེ་ཙེ་ཞེ་ཆི་དབྱང་གིས་བཤད་རྒྱུར། མིག་སྔའི་གནས་བབ་ཛ་དྲག་ཆེ་ཞིང་སྲིད་གཞུང་དཀའ་ཁག་ཆེ་བའི་ལས་འགན་ལ་འཕྲད་ཡོད་ཟེར། ཁོས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཕྱོགས་སོ་སོའི་སྐད་སྒྲར་ཉན་རྒྱུ་ཡིན་པ་དང་། གྲོས་མོལ་ལ་སྐུལ་འདེད་བཏང་ནས་ཐུན་མོང་ལྟ་ཚུལ་འཚོལ་ཞིབ་བྱེད་རྒྱུ་ཡིན་ལ། དབྱི་ལིང་གི་གྲོས་ཁང་དང་ཁྲིམས་འཛིན་སྡེ་ཁག་བར་མཉམ་ལས་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་གནད་དོན་ཐད་ཀྱི་འགལ་བ་མེད་པར་གཏོང་རྒྱུ་ཡིན་ཟེར།

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་ཕའེ་ཙེ་ཞེ་ཆི་དབྱང་ལ་ཐུག་འཕྲད་བྱས་ནས། ཁོ་རང་གསར་དུ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཁོས་དབྱི་ལིང་མུ་མཐུད་དུ་འཕེལ་རྒྱས་དང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་བཏོན།

དབྱི་ལིང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་དབྱེ་སི་ལཱ་མུས་ཀྱིས་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ཕའེ་ཙེ་ཞེ་ཆི་དབྱང་ལ་དབྱི་ལིང་གི་སྐབས་བཅུ་བཞི་བའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།