ཐུར་ཁེའི་པའོ་སི་ཕུའུ་ལུའུ་སི་མཚོ་འགག་གི་ལྷོ་ནས་བྱང་བར་གྱི་མཚོ་ཐོག་སྐྱེལ་འདྲེན་སླར་གསོ་བྱུང་།
2024.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེའི་པའོ་སི་ཕུའུ་ལུའུ་སི་མཚོ་འགག་གི་མཚོ་ཐོག་སྐྱེལ་འདྲེན་དེ་ཚེས10ཉིན་གྱི་ཉིན་གུང་གྲུ་གཟིངས་ཀྱི་ཆག་སྒོའི་དབང་གིས་གནས་སྐབས་སུ་མཚམས་བཞག་ཡོད་ལ། མིག་སྔར་མཚོ་འགག་དེའི་ལྷོ་ནས་བྱང་བར་གྱི་མཚོ་ཐོག་སྐྱེལ་འདྲེན་སླར་གསོ་བྱུང་ཡོད་ཟེར།

ཐུར་ཁེའི་ཨ་ན་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་ཐུར་ཁེའི་འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་ཆས་པུའུ་ཡི་གསལ་སྒྲོག་དྲངས་ནས་བཤད་རྒྱུར། དོན་རྐྱེན་དེ་མཚོ་འགག་གི་བྱང་སྣེ་མཚམས་སུ་བྱུང་བ་དང་། སེང་ཉ་རྟགས་ཅན་གྱི་གྲུ་གཟིངས་ཤིག་པའོ་སི་ཕུའུ་ལུའུ་སི་མཚོ་འགག་བརྒྱུད་རྗེས། མཚོ་འགག་དེའི་ལྷོ་ནས་བྱང་བར་གྱི་མཚོ་ཐོག་སྐྱེལ་འདྲེན་སླར་གསོ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།