ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིས་ཚེས10ཉིན་བསྟན་དོན། གལ་ཏེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ན། རྩ་འཛུགས་དེས་དབྱི་སི་རལ་བར་གྲོས་མོལ་མ་བྱས་ཀྱང་འཁྲུག་རྩོད་མཚམས་འཇོག་ངེས་ཡིན་ཟེར།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་གཏོགས་པའི་གློག་སྒྲོན་ལམ་སྟོན་བརྙན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ནཱ་སི་ལུའུ་ལཱ་ཡིས་ཉིན་དེར་བྱ་འགུལ་ཅིག་གི་སྟེང་བརྙན་རིས་གཏམ་བཤད་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ངོ་རྒོལ་ཕྱོགས་ཁག་སོ་སོའི་མིང་ཐོག་ནས་དབྱི་སི་རལ་བར་གྲོས་མོལ་བྱེད་པ་དང་། ཀྲིན་ཀྲུའུ་ཏང་གིས་ཧཱ་མཱ་སི་ཡིས་དབྱི་སི་རལ་བར་གྲོས་མོལ་བྱས་ཏེ་བཏོན་པའི་ཆོད་དོན་གང་རུང་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས7ཉིན་བསྟན་དོན། དབྱི་སི་རལ་དང་ཧཱ་མཱ་སིའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་འཐབ་འཁྲུག་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར། ནཱ་སི་ལུའུ་ལ་ཡིས་ཉིན་དེའི་ཐད་ནས་བསྟན་དོན། ང་ཚོས་ངེས་པར་དུ་སེམས་ཆུང་བྱས་ནས་ཆེས་མི་ལེགས་པའི་མཇུག་འབྲས་ཀྱི་ཆེད་དུ་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།
ཨེ་ཅིབ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཅིབ་དང་ཁཱ་ཐར་གྱི་བར་འདུམ་འོག ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་དེ་ཚེས10ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་བསྡུས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།