པཱ་ཧཱ་མཱའི་ཙུང་ཏུའུ་ཕུའུ་ལཱ་ཐི་ཡིས་ཉེ་སྔོན་བསྟན་དོན། པཱ་ཧཱ་མཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་རྒྱ་བསྐྱེད་བྱས་ཏེ། ཕྱོགས་མང་བོ་ནས་ཀྲུང་གོའི་བར་མཉམ་ལས་བཟང་བོ་བྱེད་འདོད་ཡོད་ཟེར།
ཕུའུ་ལཱ་ཐི་ཡིས་ཚེས་དགུ་ཉིན་པཱ་ཧཱ་མཱའི་རྒྱལ་ས་ནཱ་སུའོ་ནས་པཱ་ཧཱ་མཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡན་ཅཱ་རོང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། པཱ་ཧཱ་མཱ་ཕྱོགས་ཀྱིས་ཀྲུང་གོ་རྒྱུན་ཆད་མེད་པར་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་པཱ་ཧཱ་མཱ་དང་ས་ཁུལ་རང་གི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཡན་ཅཱ་རོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མཛུབ་སྟོན་འོག པཱ་ཧཱ་མཱ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་རིམ་འཕར་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་པཱ་ཧཱ་མཱའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་དགོས་ཟེར།
ཡན་ཅཱ་རོང་ཟླ་འདིའི་ཚེས5ཉིན་པཱ་ཧཱ་མཱ་རུ་འབྱོར་ནས་ལས་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།