ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།
2024.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས10ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་པེ་ནོའུ་ཨེ་མངའ་སྡེའི་སྡེ་ཁུལ་ཞིག་ཏུ་ཚེས9ཉིན་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་ཟེར།

པེ་ནོའུ་ཨེ་མངའ་སྡེའི་ཨ་ཅཱ་ཐུའུ་ས་གནས་སྲིད་གཞུང་གི་དཔོན་རིགས་ཧྥེ་ལེ་ཕུའུ་ཨེ་པིན་ཡཱ་ཝུའུ་ཡིས་ཚེས10ཉིན་གསར་འགོད་པར་བཤད་རྒྱུར། མེ་མདའ་བཟུང་བའི་མིས་ཚེས9ཉིན་གྱི་དགོང་མོར་ཨ་ཅཱ་ཐུའུ་ས་གནས་སྲིད་གཞུང་གི་ཨོ་ལའེ་ཀུའུ་མཱ་ཆི་སྡེ་ཁུལ་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར། འཇབ་རྒོལ་མཁན་གྱིས་ཁང་བ་མང་བོར་གཏོར་བརླག་བཟོས་པར་མ་ཟད་ཁ་ཟས་དང་སྒོ་ཕྱུགས་འཕྲོག་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།