དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏི་ལོས་དབྱེ་ཡིས་ཚེས10ཉིན་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཅཱ་ཧྲ་མཁར་གྱི་སྡོད་དམངས་ཚང་མ་དབུས་ཕྱོགས་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཅཱ་ཧྲ་མཁར་དེ་འཐབ་འཁྲུག་བྱེད་སའི་ཉེན་ཁའི་ས་ཁུལ་ཞིག་རེད་ཟེར།
ཨ་ཏི་ལོས་དབྱེ་ཡིས་བཤད་རྒྱུར། ཅཱ་ཧྲ་མཁར་གྱི་སྡོད་དམངས་ཚང་མ་མྱུར་མོར་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་དང་ཀྲ་ཝ་དབྱེ་ཏཱའི་ཉེན་ཡོལ་བྱེད་སར་འགྲོ་དགོས་ཟེར། ཁོས་ད་རུང་ཅཱ་ཧྲ་མཁར་གྱི་སྡོད་དམངས་ཕྱིར་འཐེན་བྱེད་སའི་ལམ་ཐིག་དཔེ་མཚོན་རི་མོ་ཁྱབ་བསྒྲགས་བྱས་ཡོད།
གཞན་ཡང་ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་སྡོད་དམངས་དག་ལ་དྲིལ་སྒྲོག་ཤོག་བྱང་སྟོང་ཕྲག་འགའ་བྱིན་ནས་ཁོ་ཚོ་མྱུར་མོར་ཕྱིར་འཐེན་བྱེད་པར་སྐུལ་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས10ཉིན་གྱི་སྔ་དྲོར་སྤྱི་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཅིག་གི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་དམག་དོན་འགུལ་སྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བཅུ་ཕྲག་འགའ་བསད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།