སི་རི་ཡཱའི་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་བཅུ་ཕྲག་འགའ་བསད།
2024.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་ནུབ་བྱང་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་བཅུ་ཕྲག་འགའ་བསད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་ཉིན་དེར་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལྷོ་ངོས་སུ་བཅའ་སྡོད་བྱེད་པའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་དེའི་རྗེས་སུ་རྒོལ་ལན་སྤྲད་དེ་འཇིགས་སྐུལ་ཉེས་ཅན་བཅུ་ཕྲག་འགའ་བསད་པར་མ་ཟད། སི་རི་ཡཱའི་དམག་དཔུང་གི་སྡོད་གནས་དང་ཉེ་འདབས་ཀྱི་སྡེ་བར་འཇབ་རྒོལ་བྱེད་པར་བཀོལ་བའི་རང་སྲོག་གཅོད་པའི་རྣམ་པ་ཅན་གྱི་མི་མེད་གནམ་གྲུ་རེ་འགའ་གཏོར་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ལཱ་ཐཱ་ཅི་ཡཱ་ཞིང་ཆེན་བྱང་ངོས་སུ་བཅའ་སྡོད་བྱེད་པའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཨུ་རུ་སིའི་མཁའ་དམག་བར་མཉམ་ལས་བྱས་ཏེ། ས་དེའི་འཇིགས་སྐུལ་ཉེས་ཅན་གྱི་སྦས་སྐོང་བྱེད་ས་འགའ་དང་འགོག་སྲུང་འཛིང་རགས་མང་བོར་གཏོར་བཤིག་བཏང་ནས། འཇིགས་སྐུལ་ཉེས་ཅན་བཅུ་ཕྲག་འགའ་བསད་ཡོད་ཟེར།

སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དེ་ཐུར་ཁེ་དང་འདབས་འབྲེལ་དུ་ཡོད་ལ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་སི་རི་ཡཱའི་མངའ་ཁོངས་སུ་ཚོད་འཛིན་བྱེད་པའི་ཆེས་མཇུག་མཐའི་ས་ཁོངས་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།