ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས11ཉིན་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁས་འཇར་མན་དུ་རྒྱང་འཕེན་འཕུར་མདའ་བཀོད་སྒྲིག་བྱེད་པའི་འཆར་གཞི་ཡོད་པའི་ཐད་དམག་དོན་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འཇར་མན་དུ་རྒྱང་འཕེན་འཕུར་མདའ་བཀོད་སྒྲིག་བྱེད་རྩིས་ཡོད་པའི་དམིགས་ཡུལ་ནི་ཨུ་རུ་སིའི་བདེ་འཇགས་ལ་གནོད་སྐྱེལ་བའི་ཆེད་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱི་བྱ་སྤྱོད་དེ་ལས་གནས་བབ་ཛ་དྲག་ཏུ་གཏོང་སྲིད་པ་དང་། ཨུ་རུ་སིའི་ཕྱོགས་ལ་འཇིགས་སྐུལ་བྱས་པའང་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་སེམས་གནད་ལ་ཕབ་ནས་ཆེད་ལས་ཀྱི་རྣམ་པས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་དེའི་ཟླ7པའི་ཚེས10ཉིན་ཨ་མེ་རི་ཁ་དང་འཇར་མན་གྱིས་མཉམ་འབྲེལ་གསལ་སྒྲོག་ཅིག་ལས་བསྟན་དོན། ཨ་མེ་རི་ཁས2026ལོ་ནས་བཟུང་དུས་རིམ་བགོས་ནས་འཇར་མན་དུ་རྒྱང་འཕེན་མེ་ཤུགས་འཕུར་མདའ་བཀོལ་སྒྲིག་བྱེད་རྒྱུ་ཡིན་ཟེར། མཚམས་སྦྱོར་བྱས་པ་ལྟར་ན། མཚོན་ཆ་དེ་དག་གི་གྲས་སུ SM-6རྟགས་ཅན་གྱི་འཕུར་མདའ་དང་སྟ་རེ་རྟགས་ཅན་གྱི་འཕུར་མདའ། ད་ལྟ་གསར་སྤེལ་བྱེད་བཞིན་པའི་སྒྲ་བརྒལ་མྱུར་ཚད་ལྡན་པའི་མཚོན་ཆ་སོགས་འདུས་ཡོད་ལ། དེའི་གཏོང་འཕེན་གྱི་རིང་ཚད་ཡོ་རོབ་གླིང་གི་མིག་སྔར་བཀོད་སྒྲིག་བྱས་པའི་རྟེན་གཞི་གང་རུང་གི་མེ་ཤུགས་མ་ལག་ལས་བརྒལ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།