ལའེ་སོ་ཐའོ་ཡི་རྒྱལ་བོ་ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པས་ཚེས11ཉིན་བསྟན་དོན། ལའེ་སོ་ཐའོ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པས་ཉིན་དེར་ལའེ་སོ་ཐའོ་ཡི་རྒྱལ་ས་མཱ་སེ་ལུའུ་ནས་གསར་དུ་འགན་ཁུར་བའི་ལའེ་སོ་ཐའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་དབྱང་ཞའོ་ཁུང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས་པ་དང་། ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པས་ཀྲུང་གོས་དུས་ཡུན་རིང་བོར་ལའེ་སོ་ཐའོ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
དབྱང་ཞའོ་ཁུང་གིས་ལའེ་སོ་ཐའོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱས་པར་གཟེངས་བསྟོད་བྱས་པ་དང་། ལའེ་སོ་ཐའོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཤིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་པའི་ཚུལ་བསྟན།
དབྱང་ཞའོ་ཁུང་གིས་ཟླ6པའི་ཚེས28ཉིན་ལའེ་སོ་ཐའོ་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།