ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རིག་གནས་པུའུ་ཀྲང་གྲོས་ཚོགས་ཚེས12ཉིན་ཨུ་རུ་སི་དཀར་པོའི་ཝེ་ཅེ་པུའུ་སི་ཁིའི་སྐབས33པའི་སི་ལཱ་ཧྥུའུ་པཱ་ཀྲ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་སྒྲོམ་གཞིའི་ནང་སྤེལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ10དང་གྲོགས་པོའི་རྒྱལ་ཁབ་ཨ་སེ་པེད་ཅང་གི་རིག་གན་སྡེ་ཁག་གི་འགན་ཁུར་བ། ཨུ་རུ་སི་དཀར་པོར་སྡོད་པའི་གཞུང་ཚབ་ཆེན་མོ་སོགས་ཚོགས་འདུར་ཞུགས།
ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་མེན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། 2023ལོའི་ཚུན་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རིག་གནས་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། མིག་སྔར་རྒྱལ་སྤྱིའི་ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག ཤུགས་ཆེན་པོས་རིག་ནུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་གཞན་པའི་མཉམ་ལས་ལ་རྨང་གཞི་བཟང་བོ་འདིང་བ་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཐུན་མོང་ལྟ་ཚུལ་གལ་ཆེན་ཞིག་ཡིན། ཕྱོགས་སོ་སོས་ཧྲང་ཧེའི་སྙིང་སྟོབས་དེ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རིག་གནས་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་དང་འཆར་འགོད། སྐུལ་འདེད་བཅས་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཐུན་མོང་དང་སྣ་མང་། དར་རྒྱས་བཅས་ཀྱི་རིག་གནས་བར་སྟོང་འཛུགས་པའི་ཐད་རྒྱུན་ཆད་མེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར། ཁོས་ད་རུང་ཨུ་རུ་སི་དཀར་པོ་དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨང་བཅུ་བར་གྱུར་བར་རྟེན་འབྲེལ་ཞུས།
ཨུ་རུ་སི་དཀར་པོའི་རིག་གནས་པུའུ་ཀྲང་མཱ་ཨར་ཁི་ཝེ་ཆི་ཡིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་སོགས་ཀྱི་ཐད་སྔར་ལས་ལྷག་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པ་ལས་ཨུ་རུ་སི་དཀར་པོའི་མཐོང་ལམ་གསར་བ་གསར་འབྱེད་བྱས་ཡོད་ཟེར།
ཟླ་འདིའི་ཚེས4ཉིན། ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་རུ་བསྡུས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་བ་ནས་ཨུ་རུ་སི་དཀར་པོ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པར་དངོས་སུ་ཆོག་མཆན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།