ཐུ་ནི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཐུ་ནི་ཞི་ཡཱའི་དབུས་ཤར་མཚོ་ཁོངས་ནས་ཉེན་ཁར་འཕྲད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས47བསྐྱབས།
གསལ་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཚེས11ཉིན་ཉེན་སྐྱོབ་ཁ་པར་འབྱོར་ནས། གྲུ་གཟིངས་འགར་མཚོ་ཐོག་ནས་ཆག་སྐྱོན་བྱུང་སྟེ་གྲུ་ནང་དུ་ཆུ་བླུགས་ནས་མི་འགྱངས་པར་རྒྱ་མཚོར་ནུབ་སྲིད་ལ། གྲུ་གཟིངས་སྟེང་དུ་ཐུ་ནི་ཞི་ཡཱའི་ཁྲིམས་འགལ་སྡོད་དམངས47ཡོད་པ་དང་། དེའི་ནང་སྦྲུམ་མ་གཅིག་དང་བྱིས་པ་ཆུང་ཆུང་གཅིག་ཡོད་ཟེར། མིག་སྔར་ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་ཉེ་འདབས་ཀྱི་གྲུ་ཁར་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པར་མ་ཟད། ཐོ་འགོད་བྱས་ཏེ་ཁྲིམས་འཛིན་གྱིས་ཐག་གཅོད་བྱེད་པར་སྒུག་ཡོད་ཟེར།
ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་བར་ས་དཀྱིལ་མཚོ་ཡིས་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱ་ནས་དབྱེ་ཐཱ་ལེ་རུ་ལྐོག་འགྲོས་བྱེད་པའི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།