དབྱི་ལིང་གི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་གིས་ཉེ་སྔོན་བསྟན་དོན། དབྱི་ལིང་གིས་ཀྲུང་གོའི་བར་གྱི་མཛའ་བརྩེ་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཁོའི་མགོ་ཁྲིད་འོག་གི་དབྱི་ལིང་གི་སྲིད་གཞུང་གསར་བས་ཀྲུང་གོའི་བར་མཉམ་ལས་རྒྱ་ཆེར་སྤེལ་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཕའེ་ཙེ་ཞེ་ཆི་དབྱང་གིས་ཚེས12ཉིན་ཏི་ཧེ་ལན་སྐབས་དོན་ཚགས་པར་སྟེང་རྩོམ་ཡིག་སྤེལ་ཏེ། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྲིད་ཇུས་རྒྱས་བཤད་བྱས། ཕའེ་ཙེ་ཞི་ཆི་དབྱང་གིས་རྩོམ་ཡིག་ནང་བསྟན་དོན། དབྱི་ལིང་ལ་དཀའ་ཁག་ཆེ་བའི་དུས་སྐབས་སུ། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་དབྱི་ལིང་གི་ཕྱོགས་སུ་ལངས་ཡོད་པས། དབྱི་ལིང་གིས་ཀྲུང་གོའི་བར་གྱི་མཛའ་བརྩེ་ལ་མཐོང་ཆེན་བྱེད་བཞིན་ཡོད། 2023ལོར། ཀྲུང་གོས་དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ནས། འཛུགས་སྐྲུན་རང་བཞིན་ལྡན་པའི་རེ་འདུན་དང་རྒྱལ་སྤྱིའི་ལས་དོན་གྱི་སྔོན་དཔག་རྣམ་འགྱུར་མཚོན་པར་བྱས།
ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། དབྱི་ལིང་དང་ཀྲུང་གོའི་ལོ་ངོ་ཉེར་ལྔའི་ཕྱོགས་ཡོངས་ཀྱི་མཉམ་ལས་འཆར་གཞི་ནི་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ལ། དབྱི་ལིང་གིས་ཀྲུང་གོའི་བར་མཉམ་ལས་རྒྱ་ཆེར་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།
ཟླ7པའི་ཚེས6ཉིན། དབྱི་ལིང་སྔོན་ཆད་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཕའེ་ཙེ་ཞེ་ཆི་དབྱང་ལ་དབྱི་ལིང་གི་སྐབས་བཅུ་བཞི་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།