སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མི་སྣ་བརྒྱ་ལྷག་བསད་ཡོད་ཟེར།
2024.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་ཚེས13ཉིན་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མི་སྣ་བརྒྱ་ལྷག་བསད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམགད་པུང་གིས་ཚེས13ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་ནས་དམིགས་བསལ་དམག་དོན་འགུལ་སྐྱོད་སྣ་འགའ་སྤེལ་ནས། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་འཐབ་འཛིང་མི་སྣ་བརྒྱ་ལྷག་བསད་པ་དང་། མི་བཅུ་ཕྲག་འགར་རྨས་ཕོག་པར་མ་ཟད། ཕ་རོལ་བའི་འཐབ་འཁོར་མང་བོར་གཏོར་བརླག་བཏང་ཡོད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།