ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཚེས15ཉིན་སྤྱི་མཐུན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྟེང་ཏང་གི་འཐུས་མིའི་འདེམ་ཤོག་མང་ཆེ་བ་ཐོབ་ནས། 2024ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་སྤྱི་མཐུན་ཏང་གི་འདེམ་སྒུག་པར་དངོས་སུ་མིང་འདོན་བྱས། ཐི་ལིང་ཕུའུ་ཡིས་ཉིན་དེར་ད་རུང་ཁྱབ་བསྒྲགས་བྱས་དོན། ཨིག་ཧི་ཨིག་མངའ་སྡེའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཞུགས་ཁང་གི་གྲོས་མི་ཝན་སི་རང་གི་འགྲན་རྩོད་དཔུང་རོགས་སུ་གདམ་གསེས་བྱས་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་གི་གྲོས་དཔོན་མེད་ཁི་ཡའོ་ཧན་ཞོན་གྱིས་ཉིན་དེར་ཚོགས་ཆེན་སྟེང་དངོས་སུ་ཁྱབ་བསྒྲགས་བྱས་དོན། ཐི་ལིང་ཕུའུ་དང་ཝན་སི་གཉིས་སྤྱི་མཐུན་ཏང་གི་ཙུང་ཐུང་དང་ཙུང་ཐུང་གཞོན་པའི་འདེམ་སྒུག་པར་མིང་འདོན་བྱས་པ་ཡིན་ཟེར།
2016ལོར་ཞེ་ལཱ་ཞི་ཕམ་པར་བྱས་པ་དང་། 2020ལོར་ད་ལྟའི་ཙུང་ཐུང་པེད་ཏིན་ལས་ཕམ་ཉེས་བྱུང་རྗེས། ད་ལྟ་ལོ78ཡིན་པའི་ཐི་ལིང་ཕུའུ་ཡིས་ཐེངས་གསུམ་པར་སྤྱི་མཐུན་ཏང་གི་ཚབ་བྱས་ཏེ་ཨ་མེ་རི་ཁའི་ཙུང་ཐུང་ལ་འགྲན་རྩོད་བྱས་པ་རེད།
ཉིན་དེའི་སྔ་དྲོར། ཐི་ལིང་ཕུའུ་ཡིས་རང་གི་སྨྱན་བྱད་སྟེགས་བུ་བརྒྱུད་དེ། ཁོས་ཝན་སི་རང་གི་འགྲན་རྩོད་དཔུང་རོགས་སུ་གདམ་གསེས་བྱས་པ་ཁྱབ་བསྒྲགས་བྱས།
ཝན་སི་ནི1984ལོར་སྐྱེས་པ་དང་། 2022ལོར་ཨིག་ཧི་ཨིག་མངའ་སྡེའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་ཁང་གི་གྲོས་མིར་བདམས་པ་དང་། 2023ལོའི་ཟླ་དང་པོར་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། ཁོ་ནི་སྔོན་ཆད་ཐི་ལིང་ཕུའུ་ལ་སྐྱོན་བརྗོད་དྲག་པོ་བྱེད་མཁན་ཡིན་ཡང་། རྗེས་སུ་སྔོན་ཆད་ཀྱི་ཙུང་ཐུང་དེའི་མནའ་མཐུན་གྲོགས་པོར་གྱུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།