རྒྱལ་སྤྱིའི་མི་སྣས་ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་དང་འཕར་སྣོན་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་གི་སྟོསབ་ཤུགས་ཡིན་པའི་ཚུལ་བསྟན།
2024.07.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་སྤྱིའི་མི་སྣས་ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་ཆེན་པོ་བྱས། ཁོ་ཚོས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་དང་འཕར་སྣོན་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་གི་སྟོསབ་ཤུགས་ཡིན་པས། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སོ་སོའི་མཉམ་ལས་མཉམ་རྒྱལ་ལ་གོ་སྐབས་གསར་བ་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོས་བསྟུད་མར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ཧྲིལ་བོས་ཀྲུང་གོའི་གོ་སྐབས་མཉམ་སྤྱོད་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དུ་འཇུག་པར་རེ་སྒུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།