སྐབས་གསར་བའི་ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚེས16ཉིན་ཧྥ་རན་སིའི་ཐི་ལཱ་སི་པའོ་ནས་བསྡུས། ཕ་ཡུལ་མར་ཐཱ་ནས་ཡིན་པའི་མཱེ་ཚོ་ལཱ་ཡང་བསྐྱར་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་དུ་བདམས་ཐོན་བྱུང་།
མཱེ་ཚོ་ལཱ་ལ་ནུས་ཡོད་ཀྱི་འདེམ་ཤོག623ཁྲོད་ཀྱི་འདེམ་ཤོག562ཐོབ་པ་དང་། ཁོ་མོར་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་རྗེས་སྔར་ལས་བདེ་འཇགས་དང་སྔར་ལས་དྲང་བདེན། སྔར་ལས་འདྲ་མཉམ་བཅས་ཀྱི་ཡོ་རོབ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
མཱེ་ཚོ་ལཱ་ད་ལོར་ལོ45ཡིན་པ་དང་། 2013ལོར་ཡོ་རོབ་གླིང་གྲོས་ཁང་གི་གྲོས་མིར་གྱུར་བ་དང་། 2022ལོའི་ཟླ་དང་པོར་ཐོག་དང་པོར་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་དུ་བདམས་པ་ཡིན་ལ། མཱེ་ཚོ་ལཱ་ཡོད་སའི་ཡོ་རོབ་གླིང་མི་དམངས་ཏང་ཏང་ཚོགས་ནི་ཡོ་རོབ་གླིང་གྲོས་ཁང་གི་ཏང་ཚོགས་ཆེས་ཆེན་པོ་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།