དབྱིན་ཇིའི་ཝེ་ཨར་ཧྲིའི་དབུ་བཞུགས་བློན་ཆེན་ཀི་ཞིན་གྱིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱིན་ཇིའི་ཝེ་ཨར་ཧྲིའི་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཀི་ཞིན་གྱིས་ཚེས16ཉིན་ཝེ་ཨར་ཧྲིའི་བཟོ་བའི་ཏང་གི་གཙོ་འཛིན་དང་དབུ་བཞུགས་བློན་ཆེན་གྱི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས།

ཀི་ཞིན་གྱིས་གསལ་སྒྲོག་ནང་བསྟན་དོན། ལས་ཁུར་དགོངས་ཞུ་བྱས་པ་ནི་དཀའ་ཚེགས་ཀྱི་ཐག་གཅོད་ཅིག་ཡིན་པ་དང་། ཁོས་སྔོན་ཆད་ཝེ་ཨར་ཧྲིའི་སྣེ་ཁྲིད་ནས་བསྐྱར་འཛུགས་དང་དར་སྤེལ་བྱེད་པར་རེ་བ་བྱས་མྱོང་ཡང་། ད་ལྟ་དེ་དཔེ་མི་སྲིད་པ་ཞིག་ཡིན་པའི་ངེས་ཤེས་རྙེད་སོང་ཟེར།

ཉིན་དེར་ཝེ་ཨར་ཧྲིའི་ས་གནས་སྲིད་གཞུང་གི་བློན་ཆེན་འགའ་ཡིས་ལས་ཁུར་དགོངས་ཞུ་བྱས་པར་མ་ཟད་ཀི་ཞིན་གྱིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད་ཟེར།

ཀི་ཞིན་ནི་ད་ལོའི་ཟླ3པའི་ཚེས16ཉིན་ཝེ་ཨར་ཧྲིའི་བཟོ་བའི་ཏང་གི་གཙོ་འཛིན་དུ་བདམས་པ་དང་། ཟླ3པའི་ཚེས20ཉིན་སྐབས་གསར་བའི་ཝེ་ཨར་ཧྲིའི་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་དུ་བདམས་པ་རེད། དེ་ནི་ཝེ་ཨར་ཧྲིའི་ཨ་ཧྥེ་རི་ཁ་གླིང་གི་རྒྱུད་ཀྱི་དབུ་བཞུགས་བློན་ཆེན་ཐོག་མ་རེད། ཁོ་རང་བདམས་ཐོན་བྱུང་བའི་ཚུན་ལ། འགྲན་རྩོད་དབང་གིས་ཞལ་འདེབས་ཕུལ་བའི་གནད་དོན་ཐད་ནས་རྒྱུན་པར་སྐྱོན་བརྗོད་ཐེབས་ཡོད། ཟླ6པའི་ཚེས5ཉིན། ཀི་ཞིན་ལ་ཝེ་ཨར་ཧྲིའི་ས་གནས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ་མེད་ཀྱང་། ཁོས་ལས་ཁུར་དགོངས་ཞུ་མ་བྱས་པར་རྒྱུན་འཁྱོངས་བྱས་པ་རེད། བརྡས་གཅོད་མཇུག་འབྲས་དེ་ལ་ཚད་བཀག་ནུས་པ་མི་ལྡན་ཡང་། ཀི་ཞིན་དེ་དཀའ་ཚེགས་ཆེ་བའི་ཆབ་སྲིད་ཀྱི་རྣམ་པར་གནས་ཡོད་པ་རེད། །


བསོད་ནམས་ཚེ་རིང་གིས་བསྒྱུར།