རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་མིག་དཔེ་བསྟན་ཡོད་པའི་ཚུལ་བསྟན།
2024.07.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ད་ལྟ་བསྡུ་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུང་གོས་མུ་མཐུད་དུ་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་ལེའུ་གསར་བ་གསར་འབྱེད་བྱས་ཏེ། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་མིག་དཔེ་སྟོན་དགོས་པ་དང་། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཀྱི་འཛམ་གླིང་ཞིག་འཛུགས་པར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར།

རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་དོ་སྣང་བྱེད་ཅིང་། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་འཚོལ་བསྙེག་བྱེད་ལ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་དེས་འཛམ་གླིང་ཧྲིལ་བོར་ཕན་ཐོགས་འབྱུང་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།