ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས17ཉིན་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉིན་དེར་སོ་སོར་ཕན་ཚུན་ལ་བཀག་འཇུག་ཐེབས་པའི་མི་གོ་ལྔ་བརྒྱུད་སྤྲོད་བྱས་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། གྲོས་མོལ་བྱས་པ་བརྒྱུད། བཀག་འཇུག་ཐེབས་པའི་ཨུ་རུ་སིའི་དམག་དོན་མི་སྣ་གོ་ལྔ་ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་ཕྱིར་ལོག་པ་དང་། བརྗེ་སྤོར་ཡིན་པའི་ཆ་ནས་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་དམག་དོན་མི་སྣ་གོ་ལྔ་བརྒྱུད་སྤྲོད་བྱས་ཡོད། ཕྱིར་བཏང་བའི་ཨུ་རུ་སིའི་དམག་དོན་མི་སྣ་ཚང་མ་མའོ་སི་ཁོ་རུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཀྱང་ཚེས17ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉིན་དེར་ཨུ་རུ་སིའི་དམག་དོན་མི་སྣ་གོ་ལྔ་ཨུ་རུ་སི་ནས་ཕྱིར་བཏང་ཡོད་ཟེར།
2022ལོའི་ཟླ3པའི་ཚུན་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཐེངས་མང་བོར་བཀག་འཇུག་ཐེབས་པའི་མི་སྣ་བརྗེ་སྤོར་བྱས་པ་རེད། ཝུའུ་ཁི་ལན་ཕྱོགས་ཀྱི་བཀག་འཇུག་མི་སྣའི་ལས་དོན་གྱི་མཐུན་སྦྱོར་གྱི་འགན་ཁུར་བའི་སྡེ་ཁག་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཝུའུ་ཁི་ལན་ཕྱོགས་ཀྱིས་མིག་སྔའི་བར་དུ་བསྡོམས་པས་མི3405ཕྱིར་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།