ཧྥུན་ཏི་ལའེ་ཨིན་ཡང་བསྐྱར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།
2024.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཡོ་རོབ་གླིང་གྲོས་ཁང་གིས་ཚེས18ཉིན་ཧྥ་རན་སིའི་སི་ཐི་ལཱ་སི་པའོ་ནས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འདེམ་ཤོག་འཕངས་པ་བརྒྱུད་དེ་ཧྥུན་ཏི་ལའེ་ཨིན་ཡང་བསྐྱར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

ཡོ་རོབ་གླིང་གྲོས་ཁང་ལ་མིག་སྔར་གྲོས་མི720ཡོད། ཉིན་དེའི་ཕྱི་དྲོར་འདེམ་ཤོག་འཕེན་སྐབས། ཧྥུན་ཏི་ལའེ་ཨིན་ལ་འདེམ་ཤོག401གི་རྒྱབ་སྐྱོར་ཐོབ་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལས་འགན་མུ་མཐུད་དུ་ཁུར་བར་ཆོག་མཆན་ཐོབ་པ་རེད།

ཧྥུན་ཏི་ལའེ་ཨིན་གྱིས2013ལོའི་ཟླ12པར་འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་བ་དང་། འཇར་མན་གྱི་ལོ་རྒྱུས་སྟེང་གི་བུད་མེད་རྒྱལ་སྲུང་པུའུ་ཀྲང་ཐོག་མ་རེད། 2019ལོའི་ལོ་མཇུག་ཏུ། ཧྥུན་ཏི་ལའེ་ཨིན་གྱི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཐོག་མའི་ལོ་ལྔའི་འགན་ཡུན་མགོ་བརྩམས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།