ཕཱ་ལེ་སི་ཐན་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་ཁྲིམས་འགལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པ་ཁས་ལེན་བྱས་པར་དགའ་བསུ་ཞུས།
2024.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་འདོད་པའི་བློ་འདྲིའི་བསམ་འཆར་བཏོན་་པར་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་སྤྱིའི་ཁྲིམས་ཁང་གི་ཁས་ལེན་དེ་ནི་དྲང་བདེན་གྱི་རྒྱལ་ཁ་ཞིག་ཡིན་ཞིང་། ཙུང་ཐུང་བཞུགས་ཤག་གིས་དེ་ཕཱ་ལེ་སི་ཐན་མི་དམངས་ཀྱི་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པ་དང་བཅས་པའི་རང་ཐག་གཅོད་པའི་དབང་ཆར་ཁས་ལེན་བྱས་པར་རློམ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཙན་བཟུང་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་ཡིས་ཡིས་ཀྱང་ཚེས19ཉིན་གསལ་སྒྲོག་སྤེལ་ནས། རྒྱལ་སྤྱིའི་ཁྲིམས་ཁང་གིས་བློ་འདྲིའི་བསམ་འཆར་དེར་དགའ་བསུ་ཞུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས། དབྱི་སི་རལ་གྱི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་པའི་བྱ་སྤྱོད་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།