རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་གསར་བ་བསྣན་ཡོད་པའི་ཚུལ་བསྟན།
2024.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་གྲོས་གཞི་བཏོན་པ་དེས་ཀྲུང་གོ་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པར་བསྐྱོད་པར་སྣེ་ཁྲིད་བྱེད་ཐུབ་པར་མ་ཟད། ཞི་བདེ་དང་གཏན་འཇགས། དར་རྒྱས། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་གསར་བ་བསྣན་ཡོད་ཟེར།

རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུང་གོའི་བཅོས་བསྒྱུར་བྱེད་ཐབས་དང་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་གྱིས་འཛམ་གླིང་ལ་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས་ཡོད་པ་དང་། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བཞག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།