ནེ་པཱ་ལཱའི་ཙུང་ལི་གསར་བ་ཨོ་ལེ་ལ་དམངས་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཐོབ།
2024.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ནེ་པཱ་ལཱའི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་ཨོ་ལེ་ཡིས་ཚེས21ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཐོབ།

ནེ་པཱ་ལཱའི་དམངས་གྲོས་ཁང་གི་གྲོས་དཔོན་ཅི་མུས་ལོས་ཀྱིས་ཁྱབ་བསྒྲགས་བྱས་དོན། ལས་གནས275ཡོད་པའི་དམངས་གྲོས་ཁང་ནས་ཨོ་ལེ་ལ་འདེམ་ཤོག188ཀྱི་རྒྱབ་སྐྱོར་ཐོབ་ནས་ཡིད་རྟོན་འདེམ་ཤོག་ཐོབ་པ་རེད།

ཨོ་ལེ་ཡིས་ཡིད་རྟོན་འདེམ་ཤོག་མ་འཕངས་གོང་ཁོས་ཟླ་དང་པོར་ནེ་པཱ་ལཱའི་ཚོགས་ཆེན་ཏང་བར་བཀོད་པའི་གྲོས་མཐུན་ནང་དོན་བདུན་ཁྱབ་བསྒྲགས་བྱས། གྲོས་མཐུན་ལྟར་ན། ཨོ་ལེ་ཡིས་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་ནས་ལོ་གཉིས་ཀྱི་རྗེས་སུ་ཙུང་ལིའི་ལས་འགན་དེ་ནེ་པཱ་ལཱའི་ཚོགས་ཆེན་ཏང་གི་ཀྲུའུ་ཞི། སྔོན་ཆད་ཀྱི་ཙུང་ལི་ཏི་ཝུའུ་ཕཱ་ལ་སྤྲད་ནས། དེས2027ལོའི་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་རག་བར་ཏུ་འགན་ཁུར་དགོས་པ་རེད།

ནེ་པཱ་ལཱའི་ཚོགས་ཆེན་ཏང་བར་མཉམ་འབྲེལ་སྲིད་གཞུང་གསར་བ་འཛུགས་པའི་གྲོས་མཐུན་བཀོད་རྗེས། ཨོ་ལེ་ཡིས་མགོ་ཁྲིད་པའི་ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་དེ་ཕུའུ་ལཱ་ཁྲང་ཏཱ་ཡིས་མགོ་ཁྲིད་པའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་བུད་པར་མ་ཟད། དེའི་རྒྱབ་སྐྱོར་རྩིས་མེད་དུ་བཏང་བས་ཕུའུ་ལཱ་ཁྲང་ཏཱའི་སྲིད་གཞུང་ཉམས་དམས་སུ་སོང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།