ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལེ་ཡཱ་ཡིས་ཚེས21ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་དབྱི་སི་རལ་གྱི་མཚོ་དམར་གྲོང་ཁྱེར་ཨེ་ལཱ་ཐི་ལ་འཕུར་མདའི་འཇབ་རྒོལ་བྱས་ཟེར།
སཱ་ལེ་ཡཱ་ཡིས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་པས་འཕུར་མདེལ་མང་པའི་འཕུར་མདའ་བཀོལ་ནས་ཨེ་ལཱ་ཐི་གྲོང་ཁྱེར་གྱི་དམིགས་འབེན་གཙོ་བོར་འཇབ་རྒོལ་བྱས། ཁོས་བཤད་ན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་མ་བཞག་པའི་སྔོན་དུ། ཧུའུ་སའེ་དྲག་ཆས་པས་མཚོ་དམར་སོགས་ཀྱི་ཆུ་ཁོངས་ས་ཁུལ་དུ་འཇབ་རྒོལ་བྱེད་མཚམས་འཇོག་མི་སྲིད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས21ཉིན་གྱི་སྔ་དྲོར་བཤད་རྒྱུར། དབྱི་སི་རལ་གྱི་རྒྱང་བརྟེན་མཁའ་སྲུང་མ་ལག་གིས་ཧུའུ་སའེ་དྲག་ཆས་པས་གཏོང་འཕེན་བྱས་པའི་ཡེ་མིན་ཕྱོགས་སུ་འཕངས་པའི་འཕུར་མདའ་ཞིག་བཀག་ཡོད་ཟེར། དབྱི་སི་རལ་དམག་ཕྱོགས་ཀྱིས་བཤད་ན། འཕུར་མདའ་དེ་མཁའ་ཁོངས་སུ་མ་འཛུལ་སྔོན་དུ་བཀག་འགོག་བྱས་ཤིང་། ཉེན་བརྡའི་འཕུར་མདའི་ཆག་རོ་སར་ལྷུང་བའི་ཉེན་ཁར་གཡོལ་ཆེད། ཨེ་ལཱ་ཐི་གྲོང་ཁྱེར་གྱིས་མཁའ་སྲུང་ཉེན་བརྡ་བཏང་བ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།