ཨེ་སོ་ནི་ཡཱའི་ཙུང་ཐུང་གིས་སྲིད་གཞུང་གསར་བའི་ལས་གནས་བསྐོ་གཞག་བྱས།
2024.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལིས་སི་ཡིས་ཚེས22ཉིན་མཉམ་འབྲེལ་སྲིད་གཞུང་གསར་བའི་ལས་གནས་བསྐོ་གཞག་བྱས་པ་དང་། སྲིད་སྐྱོང་ཏང་གསར་བརྗེའི་ཏང་གི་མུས་ཧྭའར་གྱིས་ཙུང་ལི་ཡི་འགན་བཞེས་པ་རེད། 

ཨེ་སོ་ནི་ཡཱའི་སྤྱི་སྤྱོད་རྒྱང་སྒྲོག་ཀུང་ཟིའི་པར་རིས་དང་ཡི་གེ་ལས་མངོན་པ་ལྟར་ན།  ཁཱ་ལིས་སི་ཡིས་ཚེས22ཉིན་གྱི་ཕྱི་དྲོར་ཙུང་ཐུང་བཞུགས་ཤག་ནས་སྲིད་གཞུང་གསར་བའི་ལས་གནས་བསྐོ་གཞག་ཡི་གེར་མིང་རྟགས་བཀོད་པར་མ་ཟད་ནེ་ཀི་གསར་བའི་ཁོངས་མིར་ཐུག་འཕྲད་བྱས། 

ཉིན་དེའི་སྔ་དྲོར། ཨེ་སོ་ནི་ཡཱའི་གྲོས་ཁང་གི་འདེམས་ཤོག་རེ་བཞི་འཐད་པ་བྱུང་བ་དང་འདེམས་ཤོག་ཉེར་བདུན་གྱིས་ངོ་རྒོལ་བྱས་པའི་བརྡས་ཐག་བཅད་པའི་མཇུག་འབྲས་དེས་མུས་ཧྭའར་གྱིས་བཏོན་པའི་མཉམ་འབྲེལ་སྲིད་གཞུང་གསར་བའི་ཇུས་གཞིར་གྲོས་འཆམ་བྱུང་ནས། ཙུང་ལིས་འགན་བཞེས་པར་མོས་མཐུན་བྱུང་བར་མ་ཟད་ནེ་ཀི་སྒྲིག་འཛུགས་བྱེད་པའི་དབང་ཆ་བྱིན།  མཉམ་འབྲེལ་སྲིད་གཞུང་གསར་བས་ནེ་ཀི་པུའུ་ཀྲང་བཅུ་གསུམ་བཀོད་སྒྲིག་བྱས་པ་དང་། སྲིད་གཞུང་སྔོན་མའི་ཕྱི་འབྲེལ་པུའུ་ཀྲང་ཚཱ་ཧི་ཁི་ནཱ་དང་། ནང་སྲིད་པུའུ་ཀྲང་ལའོ་ལིས་ལེ་ནཱ་མའེ་ཚི། རྒྱལ་སྲུང་པུའུ་ཀྲང་ཧན་ནོ་ཕའེ་ཧྥུའོ་ཁའོ་འར་སོགས་ཀྱི་ལས་གནས་སོར་འཇོག་བྱས་ཡོད།

ཁཱ་ལཱ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་པའི་འགན་བཞེས་རྒྱུ་རེད། ཁཱ་ལིས་སི་ཡིས་ཚེས15ཉིན་ཁཱ་ལཱ་སི་ཡི་ལས་འཁུར་དགོངས་ཞུ་ཡི་གེ་དང་ལེན་བྱས་པར་མ་ཟད། ཚེས16ཉིན་མུས་ཧྭའར་ཙུང་ལིའི་འདེམ་སྒུག་མི་སྣར་མིང་འདོན་བྱས། མུས་ཧྭའར་གྱིས་ཁཱ་ལཱ་སི་སྲིད་གཞུང་དུ་གནམ་གཤིས་པུའུ་ཀྲང་གི་འགན་ཁུར་བ་རེད། 

ལྷ་མོ་འཚོས་བསྒྱུར།