ཁོ་ལོམ་པུ་ཡཱའི་མཚོ་དམག་གིས་དུག་རྫས་ཁི་ཁཱ་ཡུན་སྤྱི་རྒྱ554རྩད་ཆོད།
2024.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཁོ་ལོམ་པུ་ཡཱའི་མཚོ་དམག་གིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། ཁོ་ལོམ་པུ་ཡཱའི་མཚོ་དམག་གིས་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཆའོ་ཁི་ཞིང་ཆེན་གྱི་མཚོ་འགྲམ་ཉེ་འདབས་སུ་དུག་རྫས་ཁི་ཁཱ་ཡུན་སྤྱི་རྒྱ554རྩད་ཆོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཁོ་ལོམ་པུ་ཡཱའི་མཚོ་དམག་གིས་མཚོ་ཐོག་གི་འགུལ་སྐྱོད་ཅིག་སྤེལ་སྐབས་གྲུ་གཟིངས་ཤིག་མེ་གླིང་དབུས་མར་ཁ་ཕྱོགས་ནས་མྱུར་མོར་བགྲོད་བཞིན་པ་མཐོང་ནས། བདའ་འདེད་འགུལ་སྐྱོད་སྤེལ་ཏེ། དུག་རྫས་ཁི་ཁཱ་ཡུན་དེ་དག་གཞུང་བཞེས་བྱས་པར་མ་ཟད། ཕ་ཡུལ་ཕཱ་ནཱ་ནཱ་ནས་ཡིན་པའི་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།