རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་འདིའི་ཚེས་བཅོ་ལྔ་ཉིན་བསྡུས་པའི་ཙུང་ཐུང་འདེམ་བསྐོའི་ཁྲོད། ཁཱ་ཅཱ་མཱེ་ལ་འདེམ་ཤོག་ས་ཡ་བརྒྱད་དང་འབུམ་བརྒྱད་ལྷག་ཐོབ་པ་དང་། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གཅིག་བརྒྱད་རེད། ཨང་གཉིས་པ་ནི་རུ་ཝང་ཏཱའི་དམངས་གཙོ་ལྗང་མདོག་ཏང་གི་འདེམ་སྒུག་པ་ཧཱ་པུས་ནེ་ཀྲ་ཡིན་ལ། འདེམ་ཤོག་ཐོབ་ཚད་ནི་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་རེད། མི་སྒེར་གྱི་འདེམ་སྒུག་པ་མུའུ་ཕཱ་དབྱེ་མཱ་ནེ་ཨང་གསུམ་པ་ཡིན་ལ། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་གསུམ་གཉིས་རེད།
ཁཱ་ཅཱ་མཱེ་ནི་ད་ལོར་ལོ་རེ་དྲུག་ཡིན་ཞིང་། 2000ལོའི་ཟླ4བར། ཁཱ་ཅཱ་མཱེ་གྲོས་ཁང་དང་ནེ་ཀིའི་མཉམ་ཞུགས་གྲོས་ཚོགས་སྟེང་ཙུང་ཐུང་དུ་མཚམས་སྦྱོར་བྱས་པ་རེད། 2003ལོའི་ཟླ8པར། རུ་ཝང་ཏཱ་ཡིས་ཐེངས་མང་བོར་ཏང་ཁག་མང་བོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་ནས། ཁཱ་ཅཱ་མཱེ་ལ་མང་ཆེ་བས་རྒྱབ་སྐྱོར་བྱེད་པའི་ཁྱད་སྟོབས་ཀྱིས་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད། 2017ལོའི་ཙུང་ཐུང་འདེམ་བསྐོའི་ཁྲོད། ཁོ་ལ་བརྒྱ་ཆའི་གོ་བརྒྱད་ལྷག་གི་འདེམ་ཤོག་ཐོབ་པ་རེད།
རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ད་རུང་ཚེས15ཉིན་ནས་ཚེས16ཉིན་བར་བསྡུས་པའི་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། དམངས་གྲོས་ཁང་གི་ལས་གནས80ཁྲོད་ཁཱ་ཅཱ་མཱེ་ཡིས་མགོ་ཁྲིད་པའི་རུ་ཝང་ཏཱའི་རྒྱལ་གཅེས་འཐབ་ཕྱོགས་དང་དེའི་མནའ་མཐུན་གྲོགས་པོར་སྲིད་ཏང་གི་ལས་གནས53ཁྲོད་ཀྱི37ཐོབ་ཡོད་ལ། དམངས་གྲོས་ཁང་གི་ལྷག་འཕྲོའི་ལས་གནས27བོ་དེ་བུད་མེད་དང་ན་གཞོན་སོགས་མང་ཚོགས་ཀྱི་འཐུས་མིས་གྲུབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།