དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར།
2024.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་མང་བོར་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱང་ངོས་ཀྱི་ཐུའུ་ལེ་ཁའེ་ཨར་མུའུ་ཡུལ་གྱར་བའི་སྒར་སར་མེ་མདས་བརྒྱབ་སྟེ་བུད་མེད་གཅིག་བསད་པ་དང་མི་གཞན་པ་གསུམ་ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གི་མི་མེད་གནམ་གྲུ་ཞིག་གིས་ཡུལ་གྱར་བའི་སྒར་ས་དེའི་ཧཱ་མཱ་མུའུ་སྡེ་ཁུལ་དུ་འཇབ་རྒོལ་བྱས་ཏེ། མི་བཞི་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་གྲོང་ཁྱེར་བྱང་ཤར་ཕྱོགས་ཀྱི་གྲོང་རྡལ་ཆུང་བ་གཉིས་ལ་སོ་སོར་མི་གཅིག་རེ་བསད་པ་རེད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས23ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་བདེ་འཇགས་ཅུའུ། མཐའ་སྲུང་ཉེན་རྟོག་པ་བཅས་ཀྱིས་ཐུའུ་ལེ་ཁའེ་ཨར་མུའུ་ས་ཁུལ་དུ་མཉམ་འབྲེལ་གྱི་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་འགུལ་སྐྱོད་ཅིག་སྤེལ་ནས། དབྱི་སི་རལ་གྱི་དམག་མིས་འགུལ་སྐྱོད་སྤེལ་སཀྦས་དྲག་ཆས་ཉེས་ཅན་མང་བོ་བསད་ཡོད་པར་མ་ཟད། གཞུང་ལམ་སྟེང་དུ་སྦས་ཡོད་པའི་འགད་རྫས་མང་བོ་གཏོར་ལེན་བྱས་ཡོད་ཟེར། དབྱི་སི་རལ་གྱི་མཁའ་དམག་གི་མི་མེད་གནམ་གྲུ་ཞིག་གིས་འགུལ་སྐྱོད་སྤེལ་སྐབས་ད་རུང་འཇིགས་སྐུལ་ཉེས་ཅན་འགའ་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།