མཱ་ལིའི་ས་དེའི་སྨྱན་བྱད་ཀྱིས་ཚེས23ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་པང་ཅཱ་ཅཱ་ལཱ་ས་ཁུལ་གྱི་སྡེ་བ་ཞིག་ཏུ་ཚེས23ཉིན་དྲག་ཆས་པའི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར།
མིང་བཤད་མི་འདོད་པའི་ས་དེའི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་བྱུང་སྐབས་སྡེ་མི་མང་ཆེ་བས་ཞིང་ཁར་ལས་ཀ་ལས་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཉེ་སྔོན་མཱ་ལིའི་དབུས་ཕྱོགས་ས་ཁུལ་དུ་མི་སེར་དཀྱུས་མར་དམིགས་པའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད།
མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།