བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་ཁག་བཅས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཚང་མས་བསྟན་དོན། བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ཀྱིས་དངོས་འབེབས་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་འབྲི་དགོས།
ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཡིན་པས། ངེས་པར་དུ་བཅོས་སྒྱུར་ལ་སྐུལ་འདེད་ཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་ཁག་བཅས་ཀྱི་ཏང་ཡོན་ལས་བྱེད་པས་བལྟས་ན། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་མཐའ་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་འགན་འཁྲིའི་ཁག་ཁུར་དྲག་པོ་མངོན་པར་མཚོན་ཡོད་པ་དང་། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དར་ཆ་ཅི་ཞིག་སྒྲེང་བ་དང་། བགྲོད་ལམ་གང་དུ་བསྐྱོད་པར་ཡང་བསྐྱར་གསལ་སྒྲོག་བྱས་པ་ཡིན་པས་རྒྱང་རིང་གི་དོན་སྙིང་གལ་ཆེན་ལྡན།
ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ནས་བཏོན་པའི་སྤྱིའི་བླང་བྱ་དང་བསྲུང་བྱའི་རྩ་དོན་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་རྟོགས་མཚོན་ཡོད་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་རེད་ཟེར།
ཚང་མས་བསྟན་དོན། ཏང་ཀྲུང་དབྱང་གིས་གཙོ་བོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཐག་གཅོད་བྱེད་དགོས་པའི་སྒྲིག་ལུགས་རྐྱེན་སྲོལ་གྱི་གནད་དོན་ལ་སྐུལ་འདེད་བཏང་ནས་བཅོས་སྒྱུར་ལ་འཆར་འགོད་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་ཁག་བཅས་ཀྱིས་སྣེ་ཁྲིད་ནས་ལག་ལེན་དངོས་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།