འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས24ཉིན་པའོ་ལིན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ཁོ་རང་སྤྱི་ཚོགས་དམངས་གཙོ་ཏང་གི་འདེམ་སྒུག་པ་ཡིན་པའི་ཆ་ནས། 2025ལོའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོ་ལ་ཞུགས་ནས། བསྟུད་མར་ཙུང་ལིའི་འགན་ཁུར་བའི་གོ་གནས་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།
མིག་སྔར་སྤྱི་ཚོགས་དམངས་གཙོ་ཏང་གིས་ཧྲའོ་ཨར་ཚི་དེ་ཙུང་ལིའི་འདེམ་སྒུག་པར་དངོས་སུ་མིང་འདོན་བྱས་མེད།
འཇར་མན་གྱི་ཧྥུའུ་ཧྲ་གླེང་ཕྱོགས་རྟོག་ཞིབ་ཁང་གིས་ཟླ་འདིའི་སྤེལ་བའི་རྟོག་ཞིབ་མཇུག་འབྲས་ཞིག་ལས་མངོན་པ་ལྟར་ན། སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་ཡོན་ཕྱེད་ཀ་ཙམ་ཧྲའོ་ཨར་ཚི་ཡི་བྱ་བར་ཡིད་ཚིམས་ཡོད་པ་དང་། སུམ་ཆའི་གཉིས་ཀྱི་མིས་ཧྲའོ་ཨར་ཚི་ནི་ཏང་ཁག་དེའི་ཙུང་ལིའི་འདེམ་སྒུག་མི་སྣ་འོས་འཚམ་ཡིན་པར་རློམ་ཡོད།
ཟླ་སྔོན་མར་བསྡུས་པའི་ཡོ་རོབ་གླིང་གྲོས་ཁང་གི་འདེམ་བསྐོའི་ཁྲོད། འཇར་མན་སྲིད་འཛིན་མནའ་འབྲེལ་ཏང་ཁག་གསུམ་ལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་སུམ་ཆའི་གཅིག་གི་འདེམ་ཤོག་མ་གཏོགས་ཐོབ་མེད་པ་དང་། དེའི་ནང་སྤྱི་ཚོགས་དམངས་གཙོ་ཏང་ལ་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་དགུའི་འདེམ་ཤོག་མ་གཏོགས་ཐོབ་མེད། ངོ་རྒོལ་ཏང་མནའ་འབྲེལ་ཏང་དང་གདམ་གསེས་ཏང་ལ་བརྒྱ་ཆའི་ཞེ་ལྔ་ལས་བརྒལ་བའི་འདེམ་ཤོག་ཐོབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།