དབྱིན་ཇིའི་ཝེ་ཨར་ཧྲི་ནས་བུད་མེད་དབུ་བཞུགས་བློན་ཆེན་བདམས་ཐོན་བྱུང་།
2024.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

དབྱིན་ཇིའི་ཝེ་ཨར་ཧྲིའི་སྲིད་འཛིན་ཏང་བཟོ་བའི་ཏང་གིས་ཚེས24ཉིན་ཨེ་ལུའུ་ནེ་ཏི་མའོ་ཀིན་ཏང་ཁག་དེའི་གཙོ་འཛིན་དུ་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས། ཝེ་ཨར་ཧྲིའི་ས་གནས་གྲོས་ཁང་གིས་ཁས་ལེན་བྱས་རྗེས། མའོ་ཀིན་གྱིས་ཝེ་ཨར་ཧྲི་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་ནས། ཝེ་ཨར་ཧྲིའི་བུད་མེད་དབུ་བཞུགས་བློན་ཆེན་ཐོག་མར་འགྱུར་ངེས་རེད།

མའོ་ཀིན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཝེ་ཨར་ཧྲི་བཟོ་བའི་ཏང་གི་བུད་མེད་ཀྱི་མགོ་ཁྲིད་ཐོག་མར་གྱུར་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། ཁོ་མོས་བསྟན་དོན། སྟོབས་ཤུགས་དང་གཏན་འཇགས། མཐུན་སྒྲིལ་བཅས་ནི་རང་ཉིད་ཀྱི་མཛུབ་སྟོན་རྩ་དོན་ཡིན་ལ། དེས་ཝེ་ཨར་ཧྲིའི་མི་ཚང་མར་སྦས་ཤུགས་འདོན་སྤེལ་བྱེད་པའི་གོ་སྐབས་སྦྱིན་ངེས་ཡིན་ཟེར།

མའོ་ཀིན་ད་ལོར་ལོ57ཡིན་པ་དང་། དེའི་སྔོན་ཝེ་ཨར་ཧྲིའི་འཕྲོད་བསྟེན་བློན་ཆེན་གྱི་འགན་ཁུར་བ་རེད། བོ་ཨིན་ཀི་ཞིན་གྱིས་ཚེས16ཉིན་ཝེ་ཨར་ཧྲིའི་བཟོ་བའི་ཏང་གི་གཙོ་འཛིན་དང་དབུ་བཞུགས་བློན་ཆེན་གྱི་ལས་འགན་སྐྱུར་རྒྱུ་ཁྱབ་བསྒྲགས་བྱས་རྗེས། མའོ་ཀིན་ལ་ཝེ་ཨར་ཧྲི་བཟོ་བའི་ཏང་གི་ཁོངས་མིའི་རྒྱབ་སྐྱོར་ཐོབ་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།