པཱ་ཞིའི་ཙུང་ཐུང་གིས་འཛམ་གླིང་ཡོངས་ཀྱི་བཀྲེས་ལྟོགས་དང་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་སྟེང་དངོས་སུ་འཛུགས་རྒྱུའི་ཚུལ་བསྟན།
2024.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ7པའི་ཚེས24ཉིན་པཱ་ཞིའི་ཙུང་ཐུང་ལོའུ་ལཱ་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་བཀྲེས་ལྟོགས་དང་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་དེ་ད་ལོའི་ཟླ11པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་སྟེང་དངོས་སུ་འཛུགས་རྒྱུ་ཡིན་ཟེར།

ལོའུ་ལཱ་ཉིན་དེར་ལི་ཡའོ་རི་ནེ་ལུའུ་རུ་བསྡུས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་བཀྲེས་ལྟོགས་དང་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་གྱི་བྱ་བའི་ཚན་ཆུང་གི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས། ཁོས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བཀྲེས་ལྟོགས་དང་དབུལ་ཕོངས་ལ་འཐབ་རྩོད་བྱེད་པ་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་རྣམས་ཀྱི་མདུན་དུ་ལྷགས་པའི་མ་ལག་རང་བཞིན་ལྡན་པའི་འགྲན་རྩོད་ཅིག་རེད་ཟེར། ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་བཀྲེས་ལྟོགས་དང་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནང་ཁུལ་ནས་བྱུང་བ་ཡིན་ཡང་། དེར་སྤྲོ་བ་ཡོད་པའི་རྒྱལ་ཁབ་གང་རུང་དེར་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

ལུའུ་ལཱ་ཡིས་ད་རུང་བསྟན་དོན། གལ་ཏེ་སྔར་ལས་བཟང་བའི་ཕན་ནུས་དང་འདྲ་མཉམ་གྱི་བཅོས་སྐྱོང་མེད་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ཡང་དག་པར་མཚོན་མི་ཐུབ་པ་དང་། བཀྲེས་ལྟོགས་དང་དབུལ་ཕོངས་སོགས་གནད་དོན་ལའང་ཐག་གཅོད་ཐོབ་ཐབས་མེད་ཟེར།

པཱ་ཞི་རྒྱལ་ཁབ་ཀྱིས་ན་ནིང་ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར། པཱ་ཞིའི་སྲིད་གཞུང་གིས་བསྟན་དོན།

བགྲང་བྱ་གཅིག་གི་འགན་ཡུན་ནང་འདྲ་མཉམ་མིན་པའི་བཀྲེས་ལྟོགས་དང་དབུལ་ཕོངས་ལ་འཐབ་རྩོད་བྱེད་པ་དང་། རྒྱུན་འཐུད་འཕེལ་རྒྱས་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ བཅོས་བསྒྱུར་བཅས་དཀྱིལ་སྙིང་བརྗོད་དོན་གསུམ་ལ་དམིགས་ནས་མུ་མཐུད་བྱ་བ་སྤེལ་རྒྱུ་ཡིན། པཱ་ཞིའི་ཕྱི་འབྲེལ་པུའུ་ཡི་སྤྱི་བསྒྲགས་ལྟར་ན། ད་ལོའི་འགོ་ཁྲིད་པའི་རྩེ་ཚོགས་དེ་ཟླ11པའི་ཚེས18ནས་ཚེས19ཉིན་བར་ལེ་ཡེ་རུ་ནེ་ལོའུ་ནས་འཚོགས་རྒྱུ་ཡིན་ཟེར།


དངོས་སྦྱོང་སློབ་མ་རྡོ་རྗེ་དཔལ་འབྱོར་གྱིས་བསྒྱུར།