མཱ་ལིའི་དབུས་ཕྱོགས་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།
2024.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

མཱ་ལིའི་འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་ཆས་པུའུ་ཡིས་ཚེས25ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་དབུས་ཕྱོགས་ས་ཁུལ་དུ་ཉིན་དེར་སྤྱི་སྤྱོད་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་བརྒྱད་ལ་རྨས་ཕོག་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་དེ་ས་དེའི་སྔ་དྲོའི་དུས་ཚོད་བརྒྱ་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་ཞིང་། སྤྱི་སྤྱོད་རླངས་འཁོར་གཉིས་མཱ་ལིའི་དབུས་ཕྱོགས་ཀྱི་ཝུའུ་ཨན་གྲོང་རྡལ་གྱི་རྒྱལ་ལམ་དྲུག་པའི་སྟེང་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི48ལ་རྨས་ཕོག་ཡོད། དེའི་ནང་མི6གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་མྱུར་ཚད་མགྱོགས་དྲགས་པ་དང་ཁ་ལོ་བས་མཉམ་མ་བཞག་པས་ཡིན་སྲིད་ལ། འགྲིམ་འགྲུལ་པུའུ་ཡིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།