ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཚེས25ཉིན་དྲ་ཐོག་ནས་བསྟན་དོན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ཁབ་དེའི་ཞིང་ཆེན13ནས་བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན72འཛིན་བཟུང་བྱས་ཟེར།
ཡེ་ཨར་ལེ་ཁཱ་ཡཱ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཨན་ཁཱ་ལཱ་དང་ཨན་ཐཱ་ལེ་ཡཱ། ཨ་ཏཱ་ནཱ། དབྱེ་སི་ཐན་པོར་སོགས་ཞིང་ཆེན13གྱི་ཞིབ་དཔྱོད་ཕྱོགས་ཀྱིས་སྤེལ་བའི་འཛིན་བཟུང་བཀའ་རྒྱ་གཞིར་བཟུང་ནས་ཆེད་དོན་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཏེ། ཉེ་བའི་ལོ་འགའི་རིང་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་འཛིན་བཟང་བྱས་པ་ཡིན་ཟེར། ཡེ་ཨར་ལེ་ཁཱ་ཡཱ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་འགུལ་སྐྱོད་སྤེལ་སྐབས་ཁྲིམས་འགལ་མེ་མདའ་དང་ཐུར་ཁེའི་དངུལ་ལོར་མང་བོ། ཕྱི་འབྲེལ་གྱི་དངུལ་ལོར། དེ་མིན་གཞི་གྲངས་ཅན་གྱི་རྒྱུ་ཆ། གཏན་འགོག་བྱེད་པའི་དཔེ་ཆ་དང་རྩ་འཛུགས་ཀྱི་ཡིག་ཆ་སོགས་མང་བོ་རྩད་ཆོད་ཡོད་ཟེར།
2013ལོར། ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེ་འཇིགས་སྐུལ་རྩ་འཛུགས་སུ་ཁྱབ་བསྒྲགས་བྱས་པ་དང་། རྩ་འཛུགས་དེས་སྔོན་ཆད་ཐུར་ཁེ་ནས་བཟོས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་བོ་ལས་མི་བཅུ་ཕྲག་མང་བོར་ཤི་རྨས་བཟོས་ཡོད་ཟེར། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་མངའ་ཁོངས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣར་ཆམ་ཕབ་གཏོང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།