པའོ་ལེ་ཝེ་ཡཱའི་ཤར་རྒྱུད་ཀྱི་ཧྲིན་ཁི་ལུའུ་སིའི་སྲིད་གཞུང་གིས་ཟླ7པའི་ཚེས25ཉིན་བཀའ་རྒྱ་སྤེལ་ཏེ། ཐལ་དྲགས་པའི་གནམ་གཤིས་དབང་གིས་ཞིང་ཆེན་དེས་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཧྲིན་ཁི་ལུའུ་སི་ཞིང་ཆེན་སྲིད་གཞུང་གིས་བསྟན་དོན། ད་ལོའི་ཚུན་ལ་ཞིང་ཆེན་དེར་ཐན་པའི་འཇིགས་པ་ཐེབས་ནས་ནགས་ཚལ་མེ་སྐྱོན་མང་དུ་བྱུང་་བ་དང་། སྲིད་གཞུང་གིས་བྲེལ་མྱུར་དོགས་ཟོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་ནི་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སོ་སོའི་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ་མེ་སྐྱོན་ཚད་འཛིན་བྱས་ཏེ། ས་ཁུལ་དེའི་སྡོད་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་ཟེར།
པའོ་ལེ་ཝེ་ཡཱའི་རྒྱལ་ནང་གི་བརྙན་འཕྲིན་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཉིན་དེར་ཧྲིན་ཁི་ལུའུ་སི་ཞིང་ཆེན་དུ་ཉུང་མཐར་ཡང་གནས་ཉེར་ལྔར་མེ་སྐྱོན་མུ་མཐུད་དུ་འབྱུང་བཞིན་ཡོད་ཟེར།
ཧྲིན་ཁི་ལུའུ་སི་ཞིང་ཆེན་དེ་པཱ་ཞི་དང་པཱ་ལཱ་ཀུའེ་ལ་འདབས་འབྲེལ་དུ་ཡོད་ལ། དེ་ནི་པའོ་ལེ་ཝེ་ཡཱའི་དཔལ་འབྱོར་ཆེས་དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཡིན་པ་རེད།
དངོས་སྦྱོང་སློབ་མ་རྡོ་རྗེ་དཔལ་འབྱོར་གྱིས་བསྒྱུར།