སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས27ཉིན་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་གྲོང་ཁྱེར་གྱི་སྡེ་ཁུལ་མང་བོར་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ25རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི50ལྷག་ལ་རྨས་ཕོག་ཟེར།
ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་འཕྲོད་བསྟེན་པུའུ་ཀྲང་ཧཱ་ཐིས་ཨར་གྱིས་གསལ་སྒྲོག་ནང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་སྤྱིས་གཏན་འགོག་བྱས་པའི་མཚོན་ཆ་བཀོལ་བར་རྒོལ་གཏམ་བཏང་།
སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བཏང་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།