ཟླ7པའི་ཚེས27ཉིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྐབས་སོ་གཅིག་པའི་ས་ཁུལ་གླེང་སྟེགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཝན་ཞང་ནས་བསྡུས།
གྲོས་ཚོགས་ནས་ཀྲུང་གོ་དང་ལའོ་ཝའོ། ཁམ་ཕུ་ཀྲེ། ཡའོ་ནན། ཐེ་གོ། འབར་མ། སིང་ག་ཕོར་སོགས་ཀྱིས་མཉམ་དུ་གྲོས་འདོན་བྱས་པའི་ས་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་སྐོར་གྱི་གསལ་སྒྲོག་ཅེས་པ་སྤེལ་བ་དང་། ས་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ་དང་མི་དམངས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བབ་བསྟུན་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ་རེད། དེ་ལས་ས་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་མཉམ་ལས་ཐད་སྒུལ་ཤུགས་གསར་བ་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་མི་དམངས་ཀྱི་བདེ་འཇགས་ཕན་བདེ་ཇེ་དྲག་ཏུ་གཏོང་ཐུབ་ངེས་རེད།
གྲོས་ཚོགས་ནས་ད་རུང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་བ། གནོད་སེལ་སོགས་ཀྱི་བྱ་བའི་འཆར་གཞིར་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་གོ་སོགས་ཀྱིས་གྲོས་འདོན་བྱས་པའི་དྲ་རྒྱའི་མགོ་བསྐོར་ལ་ཆམ་ཕབ་གཏོང་བ་དང་། སྐྱེལ་འདྲེན་བདེ་འཇགས། ས་ཡོམ་མཚོ་འཕྱུར་སོགས་གནོད་འཚེ་ཐག་གཅོད་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་བར་ཆོག་མཆན་འགོད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།