ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་བསྟུད་མར་ཉིན་འགའི་རིང་ལ་དབྱི་རག་གི་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་ཁུའུ་ཨར་ཏི་དྲག་ཆས་མི་སྣར་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཁུའུ་ཨར་ཏིའི་དྲག་ཆས་མི་སྣ་བཅུ་དྲུག་བསད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་སྔ་གཞུག་ཏུ་འགུལ་སྐྱོད་ཐེངས་མང་སྤེལ་བ་དང་། དབྱི་རག་བྱང་ཕྱོགས་ཀྱི་ཧཱ་ཁུའུ་ཨར་ཁི་དང་ཀའེ་ལཱ། ཨ་སུའུ་སི་བཅས་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ11བསད་པ་དང་། སི་རི་ཡཱའི་ཨ་ལེ་ཕའོ་ཞིང་ཆེན་བྱང་ངོས་ས་ཁུལ་ནས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གི་དྲག་ཆས་མི་སྣ5བསད་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་ལ། ཐུར་ཁེའི་དམག་དཔུང་གིས་ཐེངས་མང་བོར་མངའ་ཁོངས་བརྒལ་ནས་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པར་ཆམ་ཕབ་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།