ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་འགོ་བརྩམས།
2024.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ7པའི་ཚེས28ཉིན་ཁཱ་རཱ་ཁཱ་སི་ནས་འབྱོར་པའི་གནས་ཚུལ་ལྟར་ན། ཉིན་དེའི་སྔ་དྲོའི་དུས་ཚོད6སྟེང་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་དངོས་སུ་འཕེན་འགོ་བརྩམས་པ་དང་། ཚོད་དཔག་བྱས་ན་འདེམ་བསྐོའི་མཇུག་འབྲས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱེད་རྒྱུ་རེད།

ཐེངས་འདིའི་ཙུང་ཐུང་འདེམ་བསྐོ་ལ་ཁྱོན་བསྡོམས་འདེམ་སྒུག་མི་སྣ10ཞུགས་ཡོད་ཅིང་། ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཏང་གི་གཅིག་གྱུར་སྤྱི་ཚོགས་རིང་ལུགས་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ། ད་ལྟའི་ཙུང་ཐུང་མཱ་ཏུའུ་ལོ་དང་། ངོ་རྒོལ་ཕྱོགས་མནའ་འབྲེལ་དམངས་གཙོ་གཅིག་གྱུར་སྟེགས་བུའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཨེ་ཏི་མིན་ཏའོ་ཀང་སཱ་ལོས་སི་སོགས་འདུས།

ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་ཐོ་འགོད་བྱས་པའི་འདེམ་དམངས་ཕལ་ཆེར་ ཁྲི2162ལྷག་ཡོད་ལ། རྒྱལ་ཡོངས་སུ་འདེམ་ཤོག་འཕེན་ས་ཁྲི1.5ལས་བརྒལ་ཡོད། འདེམ་བསྐོའི་བྱ་བ་བདེ་བླག་ངང་ཡོང་བར་ཁག་ཐེག་བྱེད་ཆེད།  ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་སྲིད་གཞུང་གིས་རྒྱལ་ཡོངས་སུ་དམག་མི་དང་ཉེན་རྟོག་པ་ཁྲི38ཙམ་བཀོད་སྒྲིག་བྱས་ཡོད།

ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་མང་པོའི་རྒྱལ་སྤྱིའི་ལྟ་ཞིབ་པ་གདན་དྲངས་ནས་འདེམ་བསྐོའི་བརྒྱུད་རིམ་ལ་བདེན་དཔང་བྱེད་དུ་བཅུག་ཡོད་ལ། དེའི་ནང་དུ་ཏོ་སྨི་ནི་ཁཱའི་སྔོན་ཆད་ཀྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་དང་ཁོ་ལོམ་པི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་སཱིང་ཕའེ་ཨར་སོགས་འདུས།


དངོས་སྦྱོང་སློབ་མ་རྡོ་རྗེ་དཔལ་འབྱོར་གྱིས་བསྒྱུར།