ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། ཐུར་ཁེ་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཧཱ་ཁུའུ་ཨར་ཁི་ས་ཁུལ་གྱི་འགུལ་སྐྱོད་ཅིག་གི་ཁྲོད། ཁུའུ་ཨར་ཏི་བཟོ་བའི་ཏང་གི་མཐོ་རིམ་ཁོངས་མི་གཉིས་བསད་ཟེར།
མིང་བཤད་མི་འདོད་པའི་ཐུར་ཁེའི་གསང་འཕྲིན་སྡེ་ཁག་གི་དཔོན་པོ་ཞིག་གིས་བཤད་རྒྱུར། བསད་པའི་མི་དེ་གཉིས་ཀྱི་མིང་ལ་སོ་སོར་ཝེ་སི་ལེ་ཏུའུ་ལན་དང་ཏིས་ལན་ཨིག་ཁི་ལོས་ཟེར།
ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡིས་དེའི་སྔོན་རྟོག་ཞིབ་བྱས་པ་ལྟར་ན། མི་དེ་གཉིས་ཀྱིས་སྔོན་ཆད་བཀའ་རྒྱ་བཏང་ནས་ཧཱ་ཁུའུ་ཨར་ཁིའི་ཐུར་ཁེའི་དམག་དཔུང་ལ་འཇབ་རྒོལ་བྱས་པ་རེད་ཟེར།
བསྒྲགས་པ་ལྟར་ན། ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡིས་ཅང་མ་འགོར་བའི་སྔོན་མི་དེ་གཉིས་ཀྱི་ཧཱ་ཁུའུ་ཨར་ཁིའི་འགྲོ་འདུག་གནས་ཚུལ་ལ་ལྟ་རྟོག་བྱས་པ་དང་། དེའི་རྗེས་སུ་ཐེངས་འདིའི་རྒྱལ་ཁོངས་བརྒལ་ནས་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་འཆར་འགོད་བྱས་ཏེ་ལག་བསྟར་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།