སེ་ནེ་ཀལ་འཕྲིན་གཏོང་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ལུའུ་ཅཱ་ས་ཁུལ་དུ་ཉིན་དེར་སྤྱི་སྤྱོད་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི11རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། ས་དེའི་ཚེས29ཉིན་གྱི་སྔ་དྲོའི་དུས་ཚོད10ཡས་མས་སུ། སྤྱི་སྤྱོད་རླངས་འཁོར་ཞིག་ལུའུ་ཅཱ་ས་ཁུལ་གྱི་ཁའེ་ཅན་མཱེ་ཨར་གྲོང་རྡལ་དུ་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་སྟེ། མི11རྐྱེན་ལམ་དུ་ཤོར་བ་དང་། མི9ལ་རྨས་ཕོག དེའི་ནང་མི8ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།