ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡིས་ཚེས29ཉིན་ཨ་ཀིན་ཐིན་དང་ཀྲི་ལི། ཕེ་རུ་སོགས་ལཱ་ཏེན་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་བདུན་ནས་ཕྱི་འབྲེལ་མི་སྣ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཞོར་དུ་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་མི་སྣ་ཝེ་ནེ་ཙུའེ་ལཱ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད།
ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། བྱ་སྤྱོད་དེ་ནི་ཨ་ཀིན་ཐིན་དང་ཀྲི་ལི། ཁོ་སི་ཐཱ་རེ་ཁཱ། ཕེ་རུ། ཕཱ་ནཱ་མཱ། ཏའོ་སྨི་ནི་ཁཱ། ཝུ་རཱ་ཀུའེ་སོགས་རྒྱལ་ཁབ་ཀྱིས་ཝེ་ནེ་ཙུའེ་ལཱའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་མཇུག་འབྲས་ཁས་མ་བྱས་པས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།