དབྱི་ལིང་གི་གསར་དུ་བདམས་པའི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་ཟླ7པའི་ཚེས30ཉིན་གྱི་ཕྱི་དྲོར་དབྱི་ལིང་གྲོས་ཁང་ནས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་སྲིད་གཞུང་གསར་བས་རྒྱུན་མཐུད་འཕེལ་རྒྱས་དང་། དཔལ་འབྱོར་སྟོབས་ཤུགས་ལ་ཤུགས་སྣོན་པ། དབྱི་ལིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ལ་ཐོག་མར་བསམ་བློ་གཏོང་རྒྱུ་ཡིན་པ་དང་། དེའི་ཞོར་དུ་རྒྱལ་སྤྱིའི་གར་སྟེགས་སྟེང་དབྱི་ལིང་གི་ལ་རྒྱ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱས་ཏེ། རྒྱལ་ནང་གི་ཆབ་སྲིད་ཕྱོགས་ཁག་ཚང་མའི་བར་ཐུན་མོང་གི་ལྟ་ཚུལ་འགོད་པར་བརྩོན་པ་བྱེད་རྒྱུ་ཡིན་ཟེར།
ཕའེ་ཙེ་ཞི་ཆི་དབྱང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་དབྱི་ལིང་གིས་མཉམ་ལས་བྱས་ཏེ། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འཛམ་གླིང་ཧྲིལ་བོའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པ་ནི་དབྱི་ལིང་གི་སྲིད་གཞུང་གསར་བས་ཕྱི་འབྲེལ་ལས་དོན་ཐག་གཅོད་བྱེད་པའི་རྨང་རྡོ་ཡིན་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།